V
主页
【堆谐之乡】拉孜堆谐丨松孜玛啦
发布人
ཆུ་ནི་ཚེ་སྲོག་གི་འབྱུང་རྩ་ཡིན། 水是万物之源 སྟོད་གཞས་ནི་གཙོ་བོ་སྟོད་མངའ་རིས་རྒྱུད་ནས་དར་བའི་གཞས་དང་ཞབས་བྲོར་ངོ་འཛིན་པ་དང་དེ་ཡང་བོད་ཀྱི་དམངས་ཁྲོད་ཞབས་བྲོ་དང་རོལ་མོ་གཅིག་ཏུ་འདྲེས་པ་ཞིག་ཡིན། སྟོད་གཞས་དབུས་གཙང་ཁུལ་དུ་དར་ཚུལ་དམངས་ཁྲོད་གླུ་གར་སྒྱུ་རྩལ་པ་དག་དང་སྟོད་ཀྱི་ལྷ་མོ་ཚོགས་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། སྟོད་གཞས་ཀྱི་ཐོག་མའི་ཉམས་འགྱུར་ནི་ཞབས་བྲོ་རྒྱག་སྐབས་རྐང་པའི་འདེགས་འཇོག་ཆེ་ལ་ཤུགས་ཆེ་ལ་ཤུགས་དང་ལྡན་པ་ཡོད་པ་སྟེ་སྐྱེས་པ་རྣམས་ཀྱི་རྩ་བའི་སྟངས་སྟབས་ནི་གཞུ་མོ་བཀང་ནས་མདའ་མོ་འཕེན་པའི་བཟོ་དང་། བུད་མེད་རྣམས་ཀྱི་རྩ་བའི་སྟངས་སྟབས་ནི་སྤུན་བཀལ་ནས་འཐག་ལས་བྱེད་པའི་བཟོ་བྱེད་པ་ཡིན། སྟོད་གཞས་འདི་ཉིད་ལྷ་ས་ཁུལ་དུ་དར་ཁྱབ་བྱུང་རྗེས་དེའི་ཐོག་མའི་ཉམས་འགྱུར་ལ་འགྱུར་ལྡོག་ཕྲན་བུ་སོང་བ་ནི་སྟོད་ཀྱི་སྒྲ་གདངས་འགྱུར་ཁུག་སོགས་ལ་ཡུལ་དུས་རྗེས་འབྲངས་ཀྱིས་དམངས་ཁྲོད་གླུ་གར་མཁས་པ་དག་གིས་རིམ་བཞིན་ལྷ་སའི་དམངས་ཁྲོད་གླུ་གར་གྱི་ཁྱད་ཆོས་དང་བསྟུན་ནས་བསྒྱུར་བཅོས་བྱས་སྟབས་ལྷ་ས་ཁུལ་དུ་སྟོད་གཞས་རྒྱག་ལུགས་ནི་བྲོ་རྒྱག་སྐབས་རྐང་པའི་འདེགས་འཇོག་ཡང་ཤ་དོད་ལ་གར་སྟབས་ཉམས་འགྱུར་མཛེས་པ། ལུས་སྟོད་ལ་འཁྲུག་ཆ་མེད་པར་ལག་འཁྱེར་ཡང་ལུས་ཀྱི་ཕོ་བ་ཡན་ནས་འདས་མི་ཆོག་པ་སོགས་སྟོད་གཞས་མཁས་མིན་ཞབས་བྲོ་རྒྱག་སྐབས་མགོ་བོའི་སྟེང་དུ་ཆང་དཀར་ཡོལ་གང་བཞག་སྟེ་ཆང་རྣམས་ཕྱི་ལ་མ་བོར་བར་རྒྱག་པ་ནི་སྟོད་གཞས་མཁས་པར་བརྩི་བ་ཡིན། སྟོད་གཞས་ནི་གླུ་གཞས་དང་ཞབས་བྲོ་ཟུང་དུ་སྦྲེལ་བ་དང་རོལ་དབྱངས་ཀྱི་གདངས་འགྱུར་སྙན་པས་ཕོ་མོ་གཞོན་དར་རྣམས་ཀྱིས་སྟོད་གཞས་རྒྱག་རྒྱུར་དགའ་བོ་བྱེད་པ་མ་ཟད། རྒན་བྱིས་གཉིས་ཀྱིས་ཀྱང་སྟོད་གཞས་རྒྱག་རྒྱུར་དགའ་བོ་བྱེད་པ་ཡིན། ཞབས་བྲོ་དེ་རིགས་ལ་ལྷ་སའི་སྒྲ་སྙན་ཞབས་བྲོའང་ཟེར། སྟོད་གཞས་འདིར་ད་དུང་རྒྱག་ལུགས་ལྷོ་བྱང་གཉིས་སུ་དབྱེ་སྲོལ་ཡོད་པ་ལྷོ་ནི་སྟོད་ཀྱི་ལྷོ་རྒྱུད་དུ་གོ་ཞིང་གླུ་གར་དལ་ཅིང་ལྷོད་ལ་སྙན་འཇེབས་ལྡན་པ་དང་། བྱང་ནི་སྟོད་བྱང་རྒྱུད་ལ་སྣང་བས་གླུ་གར་དཔའ་ཉམས་ལྡན་ཞིང་བློ་གཤོགས་ཆེ་ལ་བག་ཕེབས་པ་བཅས་ཡོད། སྟོད་གཞས་ལྷ་སར་དར་ནས་དུས་ཚོད་གང་ཙམ་སོང་རྗེས་དེ་སྔོན་དལ་གཞས་ཟེར་བ་ལ་རྒྱང་གཞས་དང་ཞབས་བྲོ་དང་སྦྲགས་མགྱོགས་གཞས་གཏོང་བ་དེར་འཁྲུག་གཞས་ཞེས་རིགས་གཉིས་སུ་དབྱེ་བ་ཡིན།
打开封面
下载高清视频
观看高清视频
视频下载器
【藏族酒歌】拉孜酒歌
扎木念舞蹈(喜孜丰盛藏餐)
ớ ₃ờ囊玛堆谐ớ ₃ờ
扎木念:西藏音乐传承的瑰宝
【藏族酒歌】工布酒歌
【07】堆谐丨岗巴拉姆
【11】堆谐丨格巴桑松
老外唱藏歌丨罗布林卡
【03】堆谐丨阿觉索朗多杰
【根呷】莲花梦
【高手在民间】嘎谐·ka bshad
[4K] 日本舞蹈新琴似天舞龍神 YOSAKOI
【定日洛谐】珠峰神韵丨全区少儿文艺汇演
【12】堆谐丨觉拉扎西
社会主义核心价值观
【后藏锅庄】姑娘的命运
【安多洛桑】藏·bod〽
【扎木念舞蹈】shar gsum shar
【根呷】阿香罗罗(现场)
【藏族酒歌】chang gzhas
舞蹈班里最费纸的哭娃
游扎什伦布寺
【藏语版】梦中的额吉
【01】堆谐丨达瓦寻怒
【02】堆谐丨卫吉隆巴
【根呷】走向远方(藏语)
阿克班玛
【根呷】藏羚羊(献给藏北英雄罗布玉杰)
【根呷】布姆次仁措姆
JiaJiaFlexin&KingSum&Jordan97丨KaKhaGaNga(藏文字母歌)
【阿桑旦巴】赡养父母的儿女
【04】堆谐丨扎拉西巴
采访丨搞笑丨阿里
【根呷】卓玛央金
【西藏民间舞蹈】吉隆同甲舞
【藏语版】铁血丹心(射雕现场版)
【根呷】藏家姑娘
【罗布桑珠】格萨尔新唱丨昌都藏晚
【根呷】唐蕃古道
【藏语说唱】加油,奥力给!